རིས་མེད་ཆོས་བརྒྱུད་རྒྱལ་བསྟན་དཔལ་འབར་མ། ཕན་བདེ་དགེ་ལེགས་མ་ལུས་འབྱུང་བའི་སྒོ། ། ཕུན་ཚོགས་སྟོབས་བཅུ་ཤཀྱའི་རིང་ལུགས་དང་། ། དྲི་མེད་སྟོན་མཆོག་གཤེན་རབ་མི་བོའི་ལུགས། ། འཛམ་གླིང་ཆོས་བོན་རྒྱལ་བསྟན་འབར་གྱུར་གཅིག །