སྐབས་དྲུག་པའི་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་བཀོད་བསྒྲིག་གཏམ་བཤད།
ཐེངས། 517 བཀླགས་འདུག
སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར་རྒྱལ་བསྟན་རིན་པོ་ཆེའི་ཕན་ནུས་དང་རིན་ཐང་། དེ་དག་ངོ་ཤེས་ནས་དར་སྤེལ་གྱིས་ཡངས་པའི་རྒྱལ་ཁམས་ལ་སྲིད་ཞུ་བྱས་ཏེ་ཡུན་རིང་དུ་གནས་པར་བྱའོ་ཞེས་བྱང་ཆུབ་སེམས་དཔས་སྨོན་ལམ་འདེབས་པ་ལྟར། ད་རེས་སྐབས་དྲུག་པའི་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱིས། བོད་ཀྱི་རིས་མེད་ཆོས་བརྒྱུད་ཁོངས་སོ་སོ་ནས་མཁས་དབང་དང་ཉམས་མྱོང་ཅན་འདི་གར་གཏམ་བཤད་དང་བཀའ་སློབ་གསུང་བར་གསོལ་འདེབས་དང་གདན་ཞུ་བྱས་པ་ལྟར་གཏན་འཁེལ་བྱུང་བ་ལགས་ཤིང་། དེའང་ད་ལོའི་ཕྱི་ཟླ་༧་པ། རྒྱ་གར་ཡུལ་ལ་ལྟོས་པའི་ཚེས་༢༢་ནས་བཟུང་རིམ་གྱིས་དྲྭ་ཐོག་བརྒྱུད་ནས་གསུང་བཤད་བཀོད་བསྒྲིག་བྱ་བ་ལགས། ཆོས་སྡེ་སོ་སོ་ནས་བྱོན་པའི་གཏམ་བཤད་པ་སུ་བྱོན་དང་། ཚེས་དུས་དང་བརྗོད་བྱ་གང་ཡིན་རྣམས་འདི་གའི་གསལ་བསྒྲག་སྡེ་ཚན་ནང་དུ་ཞུ་འཆར་དང་། དྲྭ་ལམ་ཐད་གཏོང་ལ་འཛུལ་ཞུགས་བྱ་འདུན་ཡོད་རིགས་རྣམས་འདི་གར་འབྲེལ་གཏུགས་བརྒྱུད་དགོས་པ་བཅས་ལགས་ན་དེ་ལུགས་གནང་འབྱོན་ཡོང་བར་མཁྱེན་མཁྱེན་ཞུ།།