རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ། གྲངས་མེད་བསྐལ་བ་མང་པོའི་གོང་རོལ་ནས། ། སྙིང་རྗེ་ཐུགས་བསྐྱེད་དྲག་པོ་ཁུར་བཞེས་ཏེ། ། རྩོད་ལྡན་མུན་པའི་ཞིང་འདི་ཡོངས་བཟུང་བ། ། སྟོན་མཆོག་ཐུབ་པའི་དབང་པོ་དགོངས་སུ་གསོལ། །