རིས་མེད་བགྲོ་གླེང་ཐེངས་གསུམ་པར་ཕུལ་བའི་ཤིས་ཚིག
བསིལ་ལྡན་ཞིང་དུ་དགེ་ལེགས་འབྱུང་བའི་སྒོ།། གཤེན་ཐུབ་བསྟན་པའི་ཉི་མ་འདྲེན་མཛད་པའི།། སྔོན་བྱོན་སློབ་དཔོན་དམ་པའི་ཕྲེང་བ་ལ།། སྒོ་གསུམ་རབ་གུས་བསྟོད་ཚིག་མེ་ཏོག་འཐོར།།
བསིལ་ལྡན་ཞིང་དུ་དགེ་ལེགས་འབྱུང་བའི་སྒོ།། གཤེན་ཐུབ་བསྟན་པའི་ཉི་མ་འདྲེན་མཛད་པའི།། སྔོན་བྱོན་སློབ་དཔོན་དམ་པའི་ཕྲེང་བ་ལ།། སྒོ་གསུམ་རབ་གུས་བསྟོད་ཚིག་མེ་ཏོག་འཐོར།།
ཡུན་རིང་རྨོངས་པའི་གྲང་ངར་གྱིས་བཅིངས་པའི།། གྲུབ་མཐའི་ཆགས་སྡང་འཁྱག་རོམ་རྙིང་བའི་རི།། དག་སྣང་ཉིན་བྱེད་འོད་ཀྱིས་བཞུས་པ་ལས།། མཛའ་མཐུན་ཉལ་འགྲོ་སྒེག་མོས་བྲོ་གར་རྩེན།།
རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་མཛེས་པའི། ། ཆོས་ལྡན་སཱ་ལའི་སྨན་ལྗོངས་ཞིང་གི་དཔལ། ། རིས་མེད་སྐྱེས་ཆེན་ཆོས་རྒྱལ་རིམ་བྱོན་ལ། ། མི་ཕྱེད་དད་པས་གུས་ཕྱག་ལན་བརྒྱར་བརྩེགས། ། ཡ་ཐོག་རང་རེའི་མེས་པོའི་བྱུང་རབས་ནང་། །