རིས་མེད་བསྟན་རྒྱས་སྨོན་ལམ། ས་གསུམ་འདི་ན་མཚུངས་པ་ཀུན་བྲལ་མཆོག ། ཁམས་གསུམ་མུན་སེལ་འོད་སྟོང་ཟླ་མེད་པ། ། སྐྱབས་གསུམ་ཀུན་འདུས་ཟས་གཙང་སྲས་པོ་ཡི། ། ཐེག་གསུམ་བསྟན་པ་ཕྱོགས་མཐའ་རྒྱས་གྱུར་ཅིག །