རིས་མེད་སྐད་འཕྲིན་ཚོགས་པ།
ཐེངས། 2053 བཀླགས་འདུག
རིས་མེད་སྐད་འཕྲིན་ཚོགས་པ་ཞེས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དང་། ལྟ་སྒོམ་སྤྱོད་གསུམ་གྱི་ལག་ལེན་གང་དང་གང་ཡིན་པ་རྣམས་ཕན་ཚུན་ངེས་ཤེས་སམ་མཁྱེན་རྟོགས་ཡོང་ཆེད་བགྲོ་གླེང་གནང་སའི་ཚོགས་པ་ཞིག་བཙུགས་ཡོད་ལ། དེའང་དབུས་རྒྱུན་ལས་ཀྱིས་སྟངས་འཛིན་འོག་ཏུ་ཆོས་བརྒྱུད་རེ་ནས་ཚོགས་མི་བདུན་རེ་བཅས་ཚོགས་མི་གཙོ་བོ་བཞི་བཅུ་ཞེ་གཉིས་བདམས་པ་བཅས་ཀྱིས་དབུ་ཁྲིད་དེ། བོད་ནང་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་གནད་ཡོད་ཚོགས་མི་གྲངས་བརྒྱ་ཕྲག་བརྒལ་བས་དུས་དུས་སུ་བགྲོ་གླེང་གནང་བ་སོགས་ཚོགས་པ་ཡར་རྒྱས་དང་གྲུབ་འབྲས་གང་ལེགས་བྱུང་དང་འབྱུང་བཞིན་ཡོད།