ཚོགས་འདུ་ཐེེངས་དང་པོ།
ཐེངས། 1471 བཀླགས་འདུག
ཕྱི་ལོ་ ༢༠༡༠ ལོར། ཨ་རིའི་བྱང་རྒྱུད་ཀ་ལི་ཕོར་ནི་ཡའི་མངའ་ཁོངས་སན་ཧྥ་རན་སས་སི་ཁོའི་ཁུལ་དུ་བཅའ་བཞུགས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་མཁན་པོ་ཆོས་དགའ་དང་། མཁན་པོ་ཨོ་རྒྱན་ཆོས་དབང་། ཨ་གནམ་ཐུབ་བསྟན་བློ་གྲོས། སྤྲུལ་སྐུ་པདྨ་བློ་གྲོས་སོགས་ཉུང་ཤས་ཤིག་གིས་མ་བསྐུལ་དང་བླང་གིས་དབུ་འཛུགས་གནང་ཞིང་། ཕྱི་ལོ་༢༠༡༡ ལོར། ཨ་གནམ་ཐུབ་བསྟན་རིན་པོ་ཆེའི་ཆོས་ཚོགས་སུ་ཚོགས་འདུ་ཐེངས་དང་པོ་ཉིན་གཉིས་རིང་འཚོགས་སྐབས་སུ་འབྱུང་འགྱུར་དེ་ལྟ་བུའི་ཚོགས་འདུ་མུ་མཐུད་འཚོགས་རྒྱུའི་གྲོས་མཐུན་བྱུང་སྟེ། གནས་སྐབས་རིང་ཚོགས་གཞོན་སོགས་རྒྱུན་ལས་ཚོགས་ཆུང་བདམས་ཏེ་ལས་གཞི་བརྩམས། དེ་ཡང་ཨ་རིའི་ནང་དུ་ཡོད་པའི་ཆོས་བརྒྱུད་ཚང་མའི་ཁོངས་ནས་ཚོགས་ཞུགས་མི་སྣ་ཕེབས་ཐུབ་ན་དགེ་མཚན་ཆེ་བར་གཟིགས། རིམ་གྱིས་ཚོགས་པའི་རྒྱུན་ལས་གསར་རྙིང་དང་ཚོགས་མིའི་དགོངས་ཚུལ་ཇི་བཞིན་ད་ཆར་ཨ་རིའི་ཁུལ་ཙམ་མིན་པར་འཛམ་གླིང་ཕྱོགས་གང་སར་བཞུགས་པའི་རིས་མེད་ཀྱི་བསྟན་པར་ཐུགས་མོས་ལྡན་པའི་ཚོགས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་གྲུབ་པའི་ཆོས་ཀྱི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད།