རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས།
རིས་མེད་ཆོས་བརྒྱུད།
Navigation
  • མདུན་ཤོག
  • ལོ་རྒྱུས།
    • བོན་པོ།
    • རྙིང་མ།
    • བཀའ་རྒྱུད།
    • ས་སྐྱ།
    • ཇོ་ནང་།
    • དགེ་ལུགས།
  • བཀའ་ཡིག
  • སློབ་གསོ།
    • བོན་པོ།
    • རྙིང་མ།
    • བཀའ་རྒྱུད།
    • ས་སྐྱ།
    • ཇོ་ནང་།
    • དགེ་ལུགས།
  • བཅར་འདྲི།
    • བོན་པོ།
    • རྙིང་མ།
    • བཀའ་རྒྱུད།
    • ས་སྐྱ།
    • ཇོ་ནང་།
    • དགེ་ལུགས།
  • ཚོགས་འདུ།
  • ཚོགས་མི།
  • འབོལ་རྩོམ།
    • བོན་པོ།
    • རྙིང་མ།
    • བཀའ་རྒྱུད།
    • ས་སྐྱ།
    • ཇོ་ནང་།
    • དགེ་ལུགས།
  • ཐུགས་སྨོན།
    • བོན་པོ།
    • རྙིང་མ།
    • བཀའ་རྒྱུད།
    • ས་སྐྱ།
    • ཇོ་ནང་།
    • དགེ་ལུགས།
  • གསལ་བསྒྲགས།
  • བརྙན་པར།
  • འབྲེལ་གཏུགས།

རིས་མེད་ཆོས་ཚོགས་ལ་བསྔགས་པ་དད་གསུམ་སྒོ་འབྱེད།

ཕྱི་ལོ། 2016 ཟླ། 06 ཚེས། 04 ཉིན། | སྡེ་ཚན།: འབོལ་རྩོམ།, རྙིང་མ། འབོལ་རྩོམ། and tagged with: བསོད་རྒན་སྤྲུལ་སྐུ་པདྨ་བློ་གྲོས།

ཐེངས། 12799 བཀླགས་འདུག

རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་མཛེས་པའི།  །

ཆོས་ལྡན་སཱ་ལའི་སྨན་ལྗོངས་ཞིང་གི་དཔལ།  །

རིས་མེད་སྐྱེས་ཆེན་ཆོས་རྒྱལ་རིམ་བྱོན་ལ།  །

མི་ཕྱེད་དད་པས་གུས་ཕྱག་ལན་བརྒྱར་བརྩེགས།  །

ཡ་ཐོག་རང་རེའི་མེས་པོའི་བྱུང་རབས་ནང་། །

ཚེ་གཅིག་སངས་རྒྱས་བརྙེས་པའི་སྐྱེས་ཆེན་དང་།  །

ས་ཆེན་ཁྱོན་ལ་དབང་བསྒྱུར་རྒྱལ་བློན་སོགས། །

ངོ་མཚར་མཛད་རྗེས་རྣ་བའི་བཅུད་དུ་སྨིན།  །

འོན་ཏེ་ལས་སྨོན་ནག་པོའི་མཐུ་བརྟས་པས།  །

ཆོས་སྲིད་དབུ་འཕང་སྨད་པའི་བདུད་རིགས་འགས།  །

སྤྱི་དོན་རིས་བོར་ཕྱོགས་རིས་འཁྲུགས་རྩོད་ཀྱིས། །

ལོ་རྒྱུས་རྨ་ཁ་བཟོས་འདིར་མི་འཇིགས་སུ། །

ཁྱད་པར་དམར་ཕྱོགས་གདུག་རྩུབ་རྦ་ཀློང་ཁྲོད།  །

གངས་རིའི་སྐྱེད་ཚལ་འཇིག་ལ་ཉེ་དུས་འདིར།  །

རང་ཅག་མཐུན་པའི་ལག་རྡང་མི་སྦྲེལ་བར།  །

རང་དོན་མགོ་བོ་འཁོར་ནས་སྡོད་ཕོད་དམ།  །

གློག་རྡུལ་ཚན་རིག་དར་བའི་སྟོབས་ཤུགས་ཀྱིས།  །

འཛམ་གླིང་སྲོག་ལ་དབང་བསྒྱུར་དུས་རབས་འདིར།  །

བྱམས་བརྩེའི་འོད་སྣང་སེམས་ལ་སྟེར་བྱེད་པའི།  །

བོད་བརྒྱུད་ནང་ཆོས་འདི་ཀོ་ཨེ་མ་རྨད།  །

གདོད་མའི་ཆོས་བརྒྱུད་གཡུང་དྲུང་བོ༵ན་ལུགས་དང་།  །

འཕགས་ཡུལ་ནས་བརྒྱུད་རྙིང༵་ས༵་བཀ༵འ་དགེ༵་ཇོ༵།  །

མིང་བརྡ་སོ་སོར་ཆགས་པ་ཙམ་ཞིག་ལས།  །

དོན་གྱི་ཉམས་ལེན་ཤེས་ན་གཅིག་ཏུ་མཐུན། །

དེའི་ཕྱིར་གངས་ལྗོངས་ཆོས་བརྒྱུད་དྲུག་རྣམས་ཀྱི།  །

བཤད་སྒྲུབ་བསྟན་པ་ཡར་ཟླའི་ངོ་ལྟར་རྒྱས། །

དེ་འཛིན་ཐུགས་མཐུན་ཞབས་པད་ཡུན་བརྟན་ཅིང་།  །

འགྲོ་དོན་འཕྲིན་ལས་འཛམ་གླིང་ཀུན་ཁྱབ་ཤོག   །

ལས་སྨོན་ཐུགས་བསྐྱེད་དཔུང་གིས་ཉེར་བསྡུས་པའི།  །

རིས་མེད་ཆོས་ཚོགས་སྤྲིན་དཀར་བང་རིམ་ནས།  །

ལེགས་བཤད་དབྱར་གྱི་རྔ་ཆེན་སྒྲོག་པ་འདིས།  །

ཕྱོགས་འཛིན་གཏི་མུག་གཉིད་ལས་སློང་གྱུར་ཅིག།  །།

ཅེས་པའང་ཨ་རིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བསྟན་འཛིན་དབང་རྒྱལ་མཆོག་གིས་སྐུལ་མ་གནང་བ་ལྟར་གངས་ཅན་བོད་ཀྱི་ཆོས་ཚུལ་རྣམས་ལ་མི་ཕྱེད་དད་ཅིང་ལྷག་བསམ་དགེ་བ་ཅན་ཀུན་རྨོངས་འདུ་གསུམ་པ་བསོད་རྒན་སྤྲུལ་མིང་པདྨ་བློ་གྲོས་པས།    2014/3/26  རབ་གནས་ཤིང་རྟ་ལོའི་ཟླ་ ༡  ཚེས་ ༢༥ ལྷག་དཀར་ཉིན་བྲིས་པ་དགེ།  །།

།

Tweet