ལྟ་བ་དང་བསམ་བློའི་འཁྱེར་སོ།
ཐེངས། 10241 བཀླགས་འདུག
/
ང་ཚོའི་སྤྱི་ཚོགས་ཁྲོད་ཕན་ཚུན་མི་མཐུན་པ་དང་། མི་ཕན་ཚུན་རྩོད་གླེང་སོགས་མང་པོ་ཡོང་གི་ཡོད་རེད། དེ་ལ་སྤྱིར་བཏང་བསམ་བློ་གཏོང་དགོས་པ་དང་། གཉིས་ནས་ཆོས་ཕྱོགས་ནས་བསམ་བློ་གཏོང་དགོས་པ་གཉིས་འདུག སྤྱིར་ན་འཛམ་གླིང་འདིའི་ནང་ལས་ཀ་གང་འདྲ་ཞིག་བྱས་པ་ཡིནའང་ཚད་གཞི་ལྡན་པ་ཞིག་དང་དྲང་པོ་དྲང་རྐྱང་ཞིག་མ་བྱས་པར་ཐལ་དྲག་པ་ཡིན་ན་ཟློག་ཕྱོགས་སུ་འགྱུར་གྱི་ཡོད་རེད། རྩ་བའི་ཁྱེད་རྣམས་མང་པོས་མཁྱེན་གྱི་ཡོད་ཚོད་རེད། ཡིནའང་ལྟ་བ་ཞེ་འཁྲེག་མེད་པ་དང་བསམ་བློ་གུ་ཡངས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གནས་ཚུལ་ཐག་གཅོད་གནང་མཁན་ཞིག་ཡིནའང་ཕྱོགས་ཡོངས་ཀྱི་གནས་ཚུལ་ཧ་གོ་བའི་ཐོག་ནས་གནས་ཚུལ་ཐག་གཅོད་གནང་རྒྱུ་དེ་གལ་ཆེན་པོ་རེད། ཅེས་བཀའ་བསྩལ།